cover

相聚歌 - 久巴

相聚歌-久巴.mp3
作曲 : 索南多杰 编曲 : 久巴 འཛོམས་གླུ། ཚིག མི་གཅེར...
作曲 : 索南多杰
编曲 : 久巴
འཛོམས་གླུ།
ཚིག མི་གཅེར་བུ་པ།
དབྱངས། བསོད་ནམས་སྟོབས་རྒྱལ། 
ལེན་མཁན། གཅོད་པ། 
གྲོགས་པོ་ཚང་མ་ལ་དང་ལུང་ནས་ཡོང་།
དེ་རིང་སྡེ་ཆེན་དཀྱིལ་ལ་འཛོམས་ནས་ཡོང་།
ལས་དང་བསྐལ་བ་ཡག་པོ་ཡག་པོ་རེད།
ང་ཚོ་ཚང་མས་བཀྲ་ཤིས་སྐོར་བྲོ་འཁྲབས།
གྲོགས་པོ་ཚང་མ་ལ་དང་ལུང་ནས་ཡོང་།
དེ་རིང་སློབ་གླིང་ཁྲོད་ལ་འཛོམས་ནས་ཡོང་།
ལས་དང་བསྐལ་བ་ཡག་པོ་ཡག་པོ་རེད།
ང་ཚོ་ཚང་མས་ཕ་སྐད་གཙང་མ་བཤད།  
གྲོགས་པོ་ཚང་མ་ལ་དང་ལུང་ནས་ཡོང་།
དེ་རིང་གཞིས་ཁྱིམ་གཅིག་ལ་འཛོམས་ནས་ཡོང་།
ལས་དང་བསྐལ་བ་ཡག་པོ་ཡག་པོ་རེད།
ང་ཚོ་ཚང་མས་རྒྱལ་ཁའི་གླུ་ཞིག་ལེན།
གྲོགས་པོ་ཚང་མ་ལ་དང་ལུང་ནས་ཡོང་།
དེ་རིང་སྡེ་ཆེན་གྲོང་ལ་འཛོམས་ནས་ཡོང་།
ལས་དང་བསྐལ་བ་ཡག་པོ་ཡག་པོ་རེད།
ང་ཚོ་ཚང་མས་མཐུན་པའི་ལག་གདང་སྤྲེལ།
展开