cover

爱的姑娘 - 俄尖索郎

爱的姑娘-俄尖索郎.mp3
[00:0.61]爱的姑娘 - 俄尖索郎 [00:2.03]词:阿尼 [00...
[00:0.61]爱的姑娘 - 俄尖索郎
[00:2.03]词:阿尼
[00:2.65]曲:民间
[00:3.28]制作:谢旦贴吧工作室
[00:28.77]ཁྱེད་མཐོང་བའི་ཉིན་ལ།
[00:33.29]སེམས་བསམ་པ་དྭངས་མོ་ཆུ་རེད།
[00:38.24]ཁྱེད་མཐོང་བའི་ཉིན་ལ།
[00:42.78]ཞེ་དུང་བ་གསེར་མིག་ཉ་རེད།
[00:56.7]ཁྱོད་ཡན་ལག་བརྒྱད་ལྡན་འཛོམས་པའི་དྭངས་མོ་ཆུ།
[01:10.77]སེམས་དྭངས་མོ་ཆུ་ལ་འཁོར་བའི་གསེར་མིག་ཉ།
[01:30.2]ཉ་གསེར་མིག་དྭངས་མོ་ཆུ་ལ་ལོས་འཁོར།
[01:45.93]འདི་སེམས་ལ་སོང་ན། འདི་སེམས་ལ་སོང་ན།
[01:93.27]ང་ཁྱོད་རང་གི་དགའ་སར་སོང་ན།
[02:08.72]གནམ་ཉི་མ་སེམས་ཀྱི་ཆ་རོགས།།
[02:24.35]ནངས་སྔ་མོ་ངེད་གཉིས་ཆ་རོགས།།
[02:40.13]ངས་ཁྱེད་ཚོར་སྐད་ཆེན་ཞིག་གིས།།
[02:55.87]སེམས་དགའ་བའི་ཆ་རོགས་ཁྱོད་ཡིན།།
[03:18.77]ཁྱེད་མཐོང་བའི་ཉིན་ལ།
[03:34.28]སེམས་བསམ་པ་དྭངས་མོ་ཆུ་རེད།
[03:49.55]ཁྱེད་མཐོང་བའི་ཉིན་ལ།
[03:54.95]ཞེ་དུང་བ་གསེར་མིག་ཉ་རེད།
[03:65.47]དྲིན་ཕ་མའི་དྲོད་ཁོལ་ཁྱོད་ཡིན།
[03:72.5]གཞི་འཁོར་བའི་ལོངས་སྤྱོད་ཁྱོད་ཡིན།
[03:80.78]ལས་སྐྱིད་སྡུག་མྱོང་རོགས་ཁྱོད་ཡིན།
[03:89.]སེམས་དགའ་བའི་བདེ་སྐྱིད་ཁྱོད་ཡིན།
[04:43.73]ཁྱེད་མཐོང་བའི་ཉིན་ལ།
[04:50.83]སེམས་བསམ་པ་གོར་མོ་རྡོ་རེད།
[04:67.55]ཁྱེད་མཐོང་བའི་ཉིན་ལ།
[04:79.3]ཞེ་དུང་བའི་སྔོན་མོ་ཆུ་རེད།
[04:86.23]ཁྱེད་བསྐལ་བ་སྟོང་ལ་མི་འགྱུར་གོར་མོ་རྡོ།
[04:96.23]སེམས་སྲ་མོ་རྡོ་ལ་འཐས་པའི་སྔོན་མོ་ཆུ།
[05:05.7]ཆུ་སྔོན་མོ་གོར་མོ་རྡོ་ལ་འཁྱུད་ཡོད།
[05:15.37]འདི་སེམས་ལ་སོང་ན། འདི་སེམས་ལ་སོང་ན།
[05:28.15]ང་ཁྱོད་རང་གི་དགའ་སར་སོང་ན།
展开