cover

益西康卓 - 嘎玛顿珠

益西康卓-嘎玛顿珠.mp3
作词 : 嘎玛顿珠 作曲 : 嘎玛顿珠 ཞོགས་པའི་ཉི་ཟེར་འཛ...
作词 : 嘎玛顿珠
作曲 : 嘎玛顿珠
ཞོགས་པའི་ཉི་ཟེར་འཛིན་མའི་སྟེང་དུ་འཕྲོས།།
清晨阳光照耀着大地
ཡི་ཤེས་མཁའ་འགྲོའི་ཞལ་མདངས་འདི་ན་ཡོད།།
犹如益西康卓的笑脸
ཉི་ཟེར་ནུབ་རི་ལྷུན་པོའི་གཡོལ་ན་ཡང་།།
即使大山阻挡着阳光
མཁའ་འགྲོའི་ཞལ་མདངས་མ་བརྗེད་སེམས་ན་ཡོད།།
也不会忘记康卓的笑脸
ཨོ་ཧོ་ཧོ་་་་་་་་

ཡི་ཤེས་མཁའ་འགྲོ།།
益西康卓
ཨོ་ཧོ་ཧོ་་་་་་་་་་
ཡིད་འཕྲོག་ལྷ་མོ།།
益西拉姆
སེམས་ཀྱི་དགའ་མ།
心中的恋人

དབྱར་གསུམ་སྤང་ལྗོངས་མེ་ཏོག་རྣམ་པར་བཀྲ།།
草原上盛开着无数朵花儿
ཡི་ཤེས་མཁའ་འགྲོའི་ལང་ཚོ་འདི་ན་ཡོད།།
犹如益西康卓的青春
སྟོན་རླུང་བསེར་བུས་མེ་ཏོག་སུབ་ན་ཡང་།།
即使秋风阻挡着生长
མཁའ་འགྲོའི་ལང་ཚོ་མ་བརྗེད་སེམས་ལ་ཡོད།།
也不会忘记康卓的青春
ཨོ་ཧོ་ཧོ་་་་་་་་

ཡི་ཤེས་མཁའ་འགྲོ།།
益西康卓
ཨོ་ཧོ་ཧོ་་་་་་་་་

ཡིད་འཕྲོག་ལྷ་མོ།།
益西康卓
སེམས་ཀྱི་དགའ་མ།
心中的恋人

ལོ་ཆུང་ལང་ཚོ་སྣང་བ་ཁྲ་ཁྲའི་དུས།།
当把青春花在花花世界里
ཡི་ཤེས་མཁའ་འགྲོ་སྣང་བའི་ཁྲོད་དུ་འཆར།།
眼前总会出现益西康卓
ལོ་དང་ལང་ཚོ་འཕྲད་དུས་རྒན་ན་ཡང་།།
即使青春渐渐远离
ཡི་ཤེས་མཁའ་འགྲོ་དགའ་མ་སེམས་སུ་ཆགས།།
心中不忘益西康卓
ཨོ་ཧོ་ཧོ་་་་་་་་་

ཡི་ཤེས་མཁའ་འགྲོ།།
益西康卓
ཨོ་ཧོ་ཧོ་་་་་་་་་

ཡིད་འཕྲོག་ལྷ་མོ།།
益西拉姆
སེམས་ཀྱི་དགའ་མ།
心中的恋人
སེམས་ཀྱི་དགའ་མ།
心中的情人
展开