cover

刚珠多吉(上学) - 岗坚巴藏歌

如无法下载或有错误,请刷新重试或点此 反馈 给我们
刚珠多吉(上学)-岗坚巴藏歌.mp3
[04:00.0]作词 : 岗坚巴藏歌 [04:00.0]作曲 : 岗坚巴...
[04:00.0]作词 : 岗坚巴藏歌
[04:00.0]作曲 : 岗坚巴藏歌
[04:00.0]编曲 : 岗坚巴藏歌
[04:00.0]རིག་པའི་ཐང་ཆེན་དུ་བསྐྱོད་དགོས།
[04:00.0] 上     学
[04:00.0]ཚིག   བྷོ་ཊའི་སྲས་མོ།
[04:00.0]词   雪域仙女
[04:00.0]དབྱངས། གངས་ཕྲུག་རྡོ་རྗེ།
[04:00.0]曲   刚珠多吉
[04:00.0]གཞས་པ། གངས་ཕྲུག་རྡོ་རྗེ།
[04:00.0]原 唱 刚珠多吉
[04:00.0] 
[04:00.0]འཛམ་གླིང་ལས་ཀྱིས་བསྐོས་པའི་མི་ཡུལ་གྱི་དག་ཞིང་། །
[04:00.0]རབ་མཛེས་གངས་དཀར་ཕྲེང་བའི་མུ་ཁྱུད་ཀྱི་དབུས་སུ། །
[04:00.0]ཤ་རུས་ཁྲག་རྒྱུན་གཅིག་པའི་མེས་པོ་ཡི་རྒྱུད་འཛིན། །
[04:00.0]སྐད་ཡིག་རིག་གཞུང་མཐུན་པའི་ལས་དབང་དེ་དྲན་དགོས།།
[04:00.0] 
[04:00.0]ཡབ་མེས་དམ་པ་གོང་མའི་ལུགས་གཉིས་ཀྱི་བསླབ་བྱ། །
[04:00.0]མ་བཅོས་སྙིང་གི་དབུས་ན་ལྷང་ལྷང་དུ་གཡོ་བཞིན། །
[04:00.0]མ་འོང་རེ་འདུན་མཚུངས་པའི་གངས་ལྗོངས་ཀྱི་སྤུན་ཟླ། །
[04:00.0]ཤེས་བྱ་རིག་པའི་མ་ཡུམ་སློབ་གླིང་དུ་བསྐྱོད་དགོས། །
[04:00.0]ཨོའོ་་་་ཧོ་ཧོ་་་ཡེ་ཡ་རིའི་ལོ། གངས་ཕྲུག་ཚོ།
[04:00.0]ཤེས་བྱ་རིག་པའི་མ་ཡུམ་སློབ་གླིང་དུ་བསྐྱོད་དགོས། །
[04:00.0]རྣམ་དཔྱོད་ལྷག་བསམ་བཀྲ་བའི་དགེ་རྒན་ལ་བཀུར་ཏེ། །
[04:00.0]ཡ་རབས་གཤིས་བཟང་ཅན་གྱི་སློབ་གྲོགས་དང་མཉམ་དུ། །
[04:00.0]ན་གཞོན་བོད་ཀྱི་ཤེས་བྱའི་དགའ་ཚལ་གྱི་གླིང་དེར། །
[04:00.0]རིགས་མཐུན་འདབ་ལྡན་བུང་བའི་དགའ་སྟོན་ལ་རོལ་ཅིག །
[04:00.0]ཕ་མ་བྱམས་སེམས་ཅན་གྱི་རིག་གཞུང་དེ་འཛིན་བཞིན། །
[04:00.0]ཀ་ཁ་ག་ངའི་དབྱངས་རྟ་སྙན་མོ་དང་འགྲོགས་ཏེ། །
[04:00.0]འཛམ་གླིང་རིག་པའི་ཐང་ལ་གོམ་ཁ་དེ་བསྒྱུར་ཞིང་། །
[04:00.0]གནའ་དེང་རིག་པའི་གནས་ལ་འབད་བརྩོན་དེ་མ་ལྷོད། །
[04:00.0]ཨོའོ་་་་ཧོ་ཧོ་་་ཡེ་ཡ་རིའི་ལོ། གངས་ཕྲུག་ཚོ།
[04:00.0]གནའ་དེང་རིག་པའི་གནས་ལ་འབད་བརྩོན་དེ་མ་ལྷོད། །
[04:00.0]ཤེས་ཡོན་འཕེལ་ཁ་བཙན་པའི་དུས་རབས་ཀྱི་ཁྲོད་དུ། །
[04:00.0]ནང་གི་བདེ་སྐྱིད་རྒྱས་པའི་ལང་ཚོ་ལ་རོལ་བའི། །
[04:00.0]ཕ་མ་སྤུན་གྲོགས་དག་དང་དགོད་སྒྲ་ཡི་འཚོ་བས། །
[04:00.0]བསྐལ་བཟང་དགའ་སྟོན་དཔལ་ལ་སྤྱོད་པ་རུ་སྨོན་ནོ། །
[04:00.0]ཨོའོ་་་་ཧོ་ཧོ་་་ཡེ་ཡ་རིའི་ལོ། བཀྲ་ཤིས་ཤོག
[04:00.0]བསྐལ་བཟང་དགའ་སྟོན་དཔལ་ལ་སྤྱོད་པ་རུ་སྨོན་ནོ། །
[04:00.0] 
展开