cover

师徒之愿 - 巴巴珠

师徒之愿-巴巴珠.mp3
དགེ་སློབ་གཉིས་ཀྱི་རེ་སྨོན། 师徒之愿 ཁམས་དངོས་གྲུབ་...
དགེ་སློབ་གཉིས་ཀྱི་རེ་སྨོན།
师徒之愿
ཁམས་དངོས་གྲུབ་ཚེ་རིང་གིས་ཚིག་བརྩམས།
作词:康•俄周才仁
བསོད་ནམས་སྟོབས་རྒྱལ་གྱིས་དབྱངས་བརྩམས།།
作曲:索南多杰
ཚེ་དབང་ཆོས་རྒྱལ་དང་དཔལ་འབར་འབྲུག་གཉིས་ཀྱིས་བླངས།

སློབ་ཕྲུག་ལགས།
学生啊
བྱམས་སྙིང་རྗེ་ཉི་མ་སེར་པོ་རེད། །
慈悲之心似日光
སྐད་ཡི་གེ་དུང་ཟླ་དཀར་པོ་རེད། ། 
母语文字如月光
འདི་གཉིས་ཀ་བོད་ཀྱི་དགེ་མཚན་རེད། ། 
此为藏民之特色
དེ་ཉུང་གི་མ་འཇུག་སློབ་ཕྲུག་ལགས། ། 
切记不可有减少

དགེ་རྒན་ལགས། 
老师阿
ཕྱི་རྒྱ་གྲོང་འགྲིམ་དུས་རྒྱུ་འབྲས་སྲུང་། ། 
奔走他乡守良心
ནང་བོད་ཡུལ་རྒྱུད་དུས་བོད་སྐད་ཤོད། ། 
回到藏乡讲母语
བོད་གདོང་དམར་ཚང་གི་ཁྱད་ཆོས་དེ། ། 
此为我藏之特点
ས་གང་ལ་སོང་རུང་བརྗེད་མི་སྲིད། ། 
身处何地难忘怀

སློབ་ཕྲུག་ལགས།
学生啊
བོད་ཆོལ་གསུམ་རང་གི་ཕ་ས་རེད། ། 
三区大地是故里
རུས་མ་རྩོད་རང་གི་སྤུན་ཟླ་རེད། ། 
不可争执皆同胞
རིགས་སྤུན་ཟླའི་བར་གྱི་མཛའ་བརྩེ་དེ། ། 
同胞之情深似海
ཆད་མ་འཇུག་སྲུང་ཤོག་སློབ་ཕྲུག་ལགས། ། 
万万不可断绝也

དགེ་རྒན་ལགས།
老师啊
ཡུལ་སྟོད་སྨད་མི་དབྱེ་དམ་བཅའ་ཡིན། ། 
不分地区乃誓言
ནང་སྤུན་ཟླ་མི་འཁྲུག་སེམས་ཐག་ཡིན། ། 
不为争执已决心
བོད་གདོང་དམར་ཚང་གི་རིགས་རྒྱུད་ལ། ། 
雪域藏族之祖辈
སེམས་བསམ་པ་གཏིང་ནས་དུང་ཞེན་ཡོད། ། 
却怀心底之深情

སྤུན་ཟླ་ཚོ།
同胞们

སྐད་ཡི་གེ་མ་བརྗེད་སློབ་སྦྱོངས་དགོས། ། 
莫忘语言需学习
ནང་སྤུན་ཟླ་མ་འཁྲུག་མཛའ་བརྩེ་དགོས། ། 
不可争执皆兄弟
ཕྱི་ཁོར་ཡུག་མ་བརླག་སྲུང་སྐྱོང་དགོས། ། 
莫要破坏吾环境
འདི་གསུམ་པོ་བོད་ལ་དགོས་དུས་རེད། ། 
这些藏区必须有
འདི་གསུམ་པོ་བོད་ལ་དགོས་དུས་རེད། ། 
这些藏区必须有
展开