cover

先祖之光 - 梅朵卓嘎

先祖之光-梅朵卓嘎.mp3
[00:00.000] 作曲 : 岗贡加 [00:05.299]མེས་པོ་གསེར་ག...
[00:00.000] 作曲 : 岗贡加
[00:05.299]མེས་པོ་གསེར་གྱི་ཨ་ཡིག
[00:06.795]གཞས་ཚིག སྤྲེལ་རྫོང་གཙང་པ་ཚང་།
[00:07.891]གཞས་དབྱངས། གངས་མགོན་རྒྱལ།
[00:09.338]གཞས་གཏོང་མཁན། མེ་ཏོག་སྒྲོལ་དཀར།
[00:34.795]འཛམ་གླིང་ས་ཡི་གསེར་ཏོག།
[00:37.605]རི་བོ་གངས་དཀར་ཏི་སེ།།
[00:44.675]གཤེན་རབ་མི་བོ་དམ་པའི།།
[00:47.465]ཐུགས་དགོངས་ཉི་ཟླ་ཚེས་ས།།
[00:54.644]ང་ཡི་མེས་པོའི་ནང་གི།
[00:56.707]མེས་པོ་གསེར་གྱི་ཨ་ཡིག།
[01:04.481]གངས་རིའི་ལྗོངས་སུ་ཤར་བའི།།
[01:06.505]ཁྲི་གདུགས་ཉི་མ་སེར་པོ།།
[01:35.524]རྒྱལ་སྲིད་ཉི་ཟླའི་དཀྱིལ་འཁོར།།
[01:38.286]སྲིད་པའི་ཕོ་བྲང་དཀར་དམར།།
[01:45.379]མཛངས་ཆེན་སློབ་དཔོན་ཐོན་མིའི།།
[01:48.232]རྣམ་དཔྱོད་འོད་སྣང་འདྲེན་ས།།
[01:55.275]ང་ཡི་མེས་པོའི་ནང་གི།
[01:57.366]མེས་པོ་དབྱངས་གསལ་སྒྲོན་མེ།།
[02:05.221]གངས་རིའི་ལྗོངས་སུ་གྲགས་པའི།།
[02:07.200]འཇམ་དབྱངས་སྨྲར་བའི་སེང་གེ།
[02:37.810]ཆོས་རིག་མཛོད་ཀྱི་སྒོ་ཆེན།།
[02:40.437]བསམ་ཡས་གཙུག་ལག་ཁང་བཟང་།།
[02:47.501]མི་རྗེ་ཁྲི་སྲོང་ལྷ་ཡི།།
[02:50.337]རྣམ་དཀར་ཐུགས་སྨོན་རྒྱས་ས།།
[02:57.427]ང་མེས་པོའི་ནང་གི།
[02:59.451]མེས་པོ་ཆོས་ཀྱི་རྒྱལ་བོ།།
[03:07.281]གངས་རིའི་ལྗོངས་སུ་འཁྲུངས་པའི།།
[03:09.359]རྒྱལ་བསྟན་པདྨའི་གདུགས་དཀར།།
展开