cover

何为爱2 - 洛次燃烧的音符

何为爱2-洛次燃烧的音符.mp3
[00:00.000] 作词 : 洛次燃烧的音符 [00:00.023] 作曲...
[00:00.000] 作词 : 洛次燃烧的音符
[00:00.023] 作曲 : 梁翘柏
[00:00.046] 编曲 : 洛次燃烧的音符
[00:00.070]བརྩེ་དུང་ཟེར་བ་ག་རེ་རས།༢
[00:05.655]ཚིག བློ་བཟང་ཚེ་རིང་།
[00:10.461]གདངས། ལིང་ཆའོ་པའེ།
[00:15.218]ལེན་མཁན། བློ་བཟང་ཚེ་རིང་།
[00:19.943]དང་པོ་ཁྱེད་དང་ཐུགས་པའི་སྐབས་ལ་ང་ཡི་སེམས་པ་འཕྲོག
[00:24.285]གཉིས་པ་མཉམ་དུ་གཤིབ་དུས་མི་ཚེ་བསྐྱལ་དགོས་བསམ་བྱུང་།
[00:29.022]ལས་དང་སྐལ་བ་མེད་པ་ཤེས་དུས་ཨ་མ་སྒྲོན་སེམས་པ་སྐྱོ།
[00:33.420]ང་གཉིས་གཉིས་པོའི་བརྩེ་དུང་དེ།
[00:35.977]ཡང་སྙིང་གང་ཞིག་བྱས་མིན་ཤོད་དང་།
[00:39.000]སེམས་མ་སྐྱོ་མིག་ཆུ་མ་གཏོང་བརྩེ་བའི་བུ་ཆུང་ལགས།
[00:43.163]བརྩེ་དུང་ཨུ་ཚུགས་འགྲོ་ས་མི་འདུག་དཀའ་ལས་ཁ་རོག་ཡིན་འགྲོ།
[00:48.091]དེ་ལས་སོ་སོ་སྐྱིད་པོ་བྱས་བསྡད་ན་ཡག་ཤོས་མིན་འགྲོ།
[00:52.917]སེམས་པ་སྐྱོ་ནས་མ་བཞུགས་རོགས།
[00:55.167]ད་དུང་འདི་འདྲ་བསྡད་ན་སྙིང་པོ་གང་ཡང་མེད།
[01:02.964]ཁྱེད་མེད་པའི་ལོ་ཟླ་ཉི་མ་ལོ་ལས་རིང་བ།
[01:06.271]ཁྱེད་ང་དང་བྲལ་དུས་སེམས་པ་ཞེ་དྲག་སྐྱོ་བྱུང་།
[01:10.816]བརྩེ་དུང་ཟེར་བ་ག་རེ་རས།
[01:14.833]ངས་ཀྱང་མ་ཤེས་ཁྱེད་ཀྱིས་ཀྱང་མ་ཤེས།
[01:22.224]བརྩེ་དུང་ཟེར་བ་གང་ཡིན་གསུངས་དང་།
[01:26.623]ད་ཆ་ཚང་མ་སྒྱུ་མའི་རྨི་ལམ་ཙམ་ཞིག
[01:31.843]བུ་མོ་ལགས་ཁྱེད་ཀྱི་གསན་དང་།
[01:35.825]ང་གཉིས་བརྩེ་དུང་ད་ཆ་སྟོང་པ་སྟོང་རྐྱང་རེད།
[01:41.540]སྔོན་ཆད་བརྩེ་དུང་དང་པོར་ཕངས་སེམས་མེད་པར་ཁྱེད་ལ་བཅངས།
[01:43.701]རྣ་བར་སྙན་པའི་དམ་བཅའ་ཁྱེད་དང་མཉམ་དུ་བཞག
[01:45.411]དགའ་སྐྱོའི་འཚོ་བ་ཆར་རྗེས་འཇའ་ཚོན་བཞིན།
[01:46.929]བདེ་སྐྱིད་འཚོ་བའི་ཁྲོད་དུ་ཁ་བྲལ་བསམ་མ་མྱོང་།
[01:48.684]ཕན་ཚུན་གསབ་པའི་བརྩེ་དུང་ཐོར་ཡོང་བསམ་མ་མྱོང་།
[01:50.541]ད་ཆ་ཁ་བྲལ་བྱུང་བ་ལས་ཡིན་ནམ་ཡང་ན་ཕན་ཚུན་བརྩེ་བ་ཡལ་བ་ཡིན།
[01:53.590]གང་བྱས་གང་སོང་མཐའ་མ་གང་ཐོར་འགྱུར།
[01:55.142]སྔོན་ཆད་བརྩེ་དུང་ཟབ་ཀྱང་ལོག་ཐབས་མེད།
[01:56.560]ད་ཆ་སྡུག་བསྔལ་ཆེ་ཡང་ཐབས་ཤེས་མེད།
[01:58.033]ལས་ལ་གང་བསྐོས་སྣང་བ་གང་ཤག་མེད།
[02:00.587]ཁྱེད་མེད་པའི་ལོ་ཟླ་ཉི་མ་ལོ་ལས་རིང་བ།
[02:05.380]ཁྱེད་ང་དང་བྲལ་དུས་སེམས་པ་ཞེ་དྲག་སྐྱོ་བྱུང་།
[02:09.182]བརྩེ་དུང་ཟེར་བ་ག་རེ་རས།
[02:12.367]ངས་ཀྱང་མ་ཤེས་ཁྱེད་ཀྱིས་ཀྱང་མ་ཤེས།
[02:19.960]བརྩེ་དུང་ཟེར་བ་གང་ཡིན་གསུངས་དང་།
[02:24.066]ད་ཆ་ཚང་མ་སྒྱུ་མའི་རྨི་ལམ་ཙམ་ཞིག
[02:28.963]བུ་མོ་ལགས་ཁྱེད་ཀྱི་གསན་དང་།
[02:33.640]ང་གཉིས་བརྩེ་དུང་ད་ཆ་སྟོང་པ་སྟོང་རྐྱང་རེད།
[02:38.985]བརྩེ་དུང་ཟེར་བ་གང་ཡིན་གསུངས་དང་།
[02:43.529]ད་ཆ་ཚང་མ་སྒྱུ་མའི་རྨི་ལམ་ཙམ་ཞིག
[02:48.480]བུ་མོ་ལགས་ཁྱེད་ཀྱི་གསན་དང་།
[02:53.013]ང་གཉིས་བརྩེ་དུང་ད་ཆ་སྟོང་པ་སྟོང་རྐྱང་རེད།
[02:58.155]མ་བྱེད་དགུ་བྱེད་གཞོན་དུས་བྱས།
[02:59.437]ན་ཚོད་མ་ཟིན་བརྩེ་དུང་མཚོན།
[03:00.675]རང་གི་སེམས་ལ་རྨ་ཞིག་བཟོས།
[03:01.935]ན་ཆུང་དུས་ཀྱི་བརྩེ་དུང་དེ།
[03:03.150]ཁམ་སྡོང་སྟེང་གི་མེ་ཏོག་ཞིན།
[03:04.410]སྟོན་གྱི་འབྲས་བུ་སྨིན་པར།
[03:05.614]བསད་དང་སེར་བས་གར་སོང་མེད།
[03:06.829]རང་ཚོད་མ་ཟིན་ཁྱེད་རང་དྲན།
[03:07.931]མཇུག་འབྲས་བསམ་དུས་དབུ་རིང་ཤོར།
[03:09.202]ད་འདི་མཐའ་མའི་ལས་མིན་འགྲོ
[03:10.406]འདས་སོང་བརྩེ་དུང་རྨི་ལམ་ཙམ།
[03:11.644]ཁྱེད་ལ་བདེ་སྐྱིད་ཐོབ་འགྱུར་ན།
[03:12.735]ད་དེ་མཐའ་མའི་རེ་བ་ཡིན།
[03:14.040]ཁྱེད་ལ་བདེ་སྐྱིད་ཐོབ་འགྱུར་ན།
[03:15.109]ད་དེ་མཐའ་མའི་རེ་བ་ཡིན།
展开